As our school is in the process of obtaining affiliation with Central Board of Secondary Education (CBSE), our Principal, Geshe Lobsang Tsering, and his assistant travelled to Delhi under the guidance of Kungo Jigmey Tsultrim, Chief Representative …
ཕྱི་ལོ་༢༠༢༤ ཟླ་༡༢ ཚེས་༢༢ རེས་གཟའ་ཉི་མ་ཉིན། གྲྭ་ཚང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧སྐྱབས་གནས་མཁན་རིན་པོ་ཆེ་མཆོག་གིས་དབུས་དབུ་ཆོས་རྣམ་གསུམ་དབུ་བཞུགས་ཐོག སློབ་སྤྱི་དང་སློབ་གྲྭའི་དགེ་ལས་ཡོངས། དེ་བཞིན་གྲྭ་ཚང་གི་བླ་སྤྲུལ་དགེ་བཤེས། དགེ་འདུན་འདུས་པ་རྒྱ་མཚོ་འཚོགས་པའི་དབུས། དཔལ་ལྡན་སློབ་སྤྱི་མཆོག་ནས་རྒྱུགས་ཞིབ་དང་། མ་འོངས་པར་སློབ་ཚན་འཚོགས་ཕྱོགས་དང་འབྲེལ་བའི་གསུང་བཤད་དང་། ༧སྐྱབས་གནས་མཁན་རིན་པོ་ཆེ་མཆོག་ནས་སློབ་གཉེར་གནང་ཕྱོགས་ཀྱི་བླང་དོར་བཀའ་སློབ་དང་འབྲེལ་སིང་གྷ་པུར་འགྲོ་ཕན་གླིང་ཆོས་ཚོགས་ཀྱི་ཚོགས་མི་ཡོངས་ནས་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་གྲྭ་ཚང་འདི་ཉིད་ལ་ཕྱག་རོགས་གནང་དང་གནང་མུས་ཡིན་པ་མ་ཟད། ད་རེས་འདིར་ལོ་འཁོར་ཡིག་ཚད་ཀྱི་གྲུབ་འབྲས་གསལ་བསྒྲགས་སུ་ཕེབས་པར་ཐུགས་རྗེ་ཆེ་ཞུ་དང་། སྦིས་ཧར་ནས་ཕེབས་པའི་སྐུ་མགྲོན་གཉིས་དང་། མདོར་ན་གྲྭ་ཚང་འདི་ཉིད་ལ་སྔ་ཕྱི་བར་གསུམ་དུ་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུང་གྲུབ་མཚམས་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཨང་རིམ་ཁག་གསལ་བསྒྲགས་ཞུས་ཡོད། དེ་ཡང་ཨང་རིམ་དང་པོ་ནས་ལྔ་པའི་བར་གྱི་ཨང་རིམ་རྩེར་སོན་རྣམས་ལ་དགའ་ཤར་ཤེས་ཡོན་ལྷན་ཚོགས་དང༌། དགའ་ཤར་ཕུ་ཁང་ཕུན་ཚོགས་ཆོས་གླིང་བླ་བྲང༌། དགའ་ཤར་དཔེ་མཛོད་ཁང་། སོག་པ་སྤྲུལ་སྐུ་དམ་ཆོས་རིན་པོ་ཆེ་བཅས་ནས་ལེགས་སྐྱེས་བྱ་དགའ་གསོལ་རས་གནང་བ་མ་ཟད། མཐའ་དོན་དཔལ་ལྡན་སློབ་སྤྱི་མཆོག་ནས་སིང་གྷ་པུར་ཤཀྱཱ་མུ་ནེ་ཆོས་ཚོགས་དང་། སོག་པ་སྤྲུལ་སྐུ་དམ་ཆོས་རིན་པོ་ཆེ་གཙོས་པའི་ལེགས་སྐྱེས་བྱ་དགའ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པའི་བརྙན་དཔར་དང་གནས་ཚུལ་སྙིང་བསྡུས་སུ། On Sunday, December 22, 2024, the school held a ceremony to announce the annual examination results. The event was presided …
On August 3, 2024 (Saturday), Mr. Shankar Gowdi the Tehsildar of Mundgod, and Mr. Jampa Kalsang, the director of the Karma Foundation, among others, paid a special visit to Gaden Choeling School. They inspected various school activities, regular teaching methods, …
༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (Central Board of Secondary Education) ཀྱི་དྲུང་ཆེ་ཧི་མཱན་ཤུ་གུཔྟཱ་ (Himanshu Gupta) ལགས་དང་མཇལ་འཕྲད་གནང་ཡོད། སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གྲྭ་དེ་བཞིན་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་སུ་ཁོངས་སུ་འཇུག་རྒྱུར་དམིགས་བསལ་དགོངས་བཞེས་ཡོང་བའི་རྒྱབ་གཉེར་རེ་སྐུལ་ཞུས་ཤིང་། དྲུང་ཆེ་ཧི་མཱན་ཤུ་གུཔྟཱ་ལགས་ཀྱིས་རྒྱབ་གཉེར་སྙན་ཞུར་གཟིགས་ཞིབ་ཀྱིས་རྒྱབ་སྐྱོར་གནང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད། ཚོགས་འདུའི་མཇུག་ཏུ་ཤེས་རིག་བཀའ་བློན་མཆོག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཚབ་ཞུས་ཏེ། དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་དྲུང་ཆེ་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་ཞིག་ཕུལ་ཡོད་པ་རེད། དེ་ཡང་སྔ་དྲོ་ཤེས་རིག་བཀའ་བློན་མཆོག་གིས་ལྡི་ལིར་གནས་འཁོད་ལེགས་སྦྱར་གོང་འཕེལ་ཐེབས་རྩའི་སྤྱི་ཁྱབ་འགན་འཛིན་ལཀྵ་མཱི་ན་ར་སིམྷ་ (K. Lakhsminarasimhan) ལགས་དང་མཇལ་མོལ་གནང་ཡོད། ཚོགས་འདུའི་སྐབས་སུ་ཤེས་རིག་བཀའ་བློན་མཆོག་དང་ལྷན་དུ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ཤེས་རིག་དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་སྤྱི་དགེ་བཤེས་བློ་བཟང་ཚེ་རིང་ལགས་དང་དྲུང་ཡིག་བསྟན་འཛིན་མཁས་གྲུབ་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།