
CBSEལས་བྱེད་རྣམ་པ་དང་གཞན་བཀུར་འོས་སྐུ་མགྲོན་རྣམས་དང་མཉམ་དུ་སློབ་གྲྭའི་འབྲེལ་མཐུད་སྐོར་གྱི་ཚོགས་འདུ་ཁག།།། Meetings with CBSE officials and other esteemed dignitaries concerning school affiliation.
As our school is in the process of obtaining affiliation with Central Board of Secondary Education (CBSE), our Principal, Geshe Lobsang Tsering, and his assistant travelled to Delhi under the guidance of Kungo Jigmey Tsultrim, Chief Representative Officer (CRO) South Zone Bangalore, to meet with CBSE officials. We were very grateful and honored to have Kungo la accompany us during these important meetings. We had the opportunity to meet with Secretary Sh. Himanshu Gupta, IAS, and Deputy Secretary Sh. Sajjan Singh at their respective offices. They assured us of their best assistance in obtaining affiliation with CBSE. Principal Sir presented them with a white scarf and a small gift as a token of appreciation on behalf of Gaden Shartse Thoesam Norling School.
We also had the opportunity to meet with Sh. Kiren Rijiju, Minister of Parliamentary Affairs and Minister of Minority Affairs, Government of India, Dr. Chamu Krishna Shastry, Chairman of the High-Powered Committee for the Promotion of Indian Languages, Ministry of Education, Government of India, Sh. RK Khirmey, Former Member of Parliament (MP) Government of Arunachal Pradesh, Sh. Anupam Yadav, OSD to the Chief Minister of Arunachal Pradesh and Professor Ganti Suryanarayana Murthy from the Indian Knowledge System (IKS) Division at AICTE Headquarters. We discussed our school’s concerns and sought their support and assistance. Additionally, we were honored to have Khen sur Jangchup Choeden, General Secretary of the International Buddhist Confederation (IBC) New Delhi, and our newly elected administrator of Gaden Shartse Monastery, Geshe Konchok Jampa during the meetings.
ང་ཚོའི་སློབ་གྲྭ་དེ་སི་བི་ཨེསི་ཨི་(CBSE)དང་མཉམ་དུ་འབྲེལ་བ་འཐོབ་རྒྱུའི་བརྒྱུད་རིམ་ནང་ཡོད་པ་ལྟར་། དེར་བརྟེན་སློབ་སྤྱི་དགེ་བཤེས་བློ་བཟང་ཚེ་རིང་ལགས་དང་ཁོང་གི་ལས་རོགས་རྣམས་ལྷོ་སྤྱི་སྐུ་ངོ་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱི་ལམ་སྟོན་འོག་ལྡི་ལིར་སི་བི་ཨེསི་ཨི་(CBSE)ལས་བྱེད་རྣམས་དང་ཐུག་འཕྲད་བྱེད་པར་ཕེབས་ཡོད་། ང་ཚོར་དྲུང་ཆེ་ཤི་ཧི་མཱན་ཤུ་གུཔ་ཏ་(Sh. Himanshu Gupta IAS) དང་དྲུང་ཆེ་གཞོན་པ་ཤི་ས་ཇན་སིང་(Sh. Sajjan Singh) བཅས་ཁོང་ཚོའི་ལས་ཁུངས་སོ་སོར་ཐུག་འཕྲད་བྱེད་པའི་གོ་སྐབས་བྱུང་། ཁོང་ཚོས་ང་ཚོར་ CBSE དང་འབྲེལ་བ་འཐོབ་པར་རོགས་རམ་ལེགས་ཤོས་བྱེད་རྒྱུའི་ཁས་ལེན་གནང་བྱུང་། ང་ཚོར་གལ་ཆེའི་ཚོགས་འདུ་འདི་དག་གི་སྐབས་སུ་སྐུ་ངོ་ལགས་ཀྱིས་ལམ་སྟོན་དང་རོགས་རམ་གང་ལེགས་གནང་བར་བྱུང་ཞིང་། ཁོང་ནི་ང་ཚོར་ཧ་ཅང་བཀའ་དྲིན་ཆེ་བས་ཐུགས་རྗེ་བླ་མེད་དུ་ཆེ་ཆེ་ཞེས་ཞུ་རྒྱུ་དང་། དཔལ་ལྡན་སློབ་སྤྱི་ལགས་ཀྱིས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭའི་ཚབ་ཞུས་ཏེ་ཁོང་ཚོར་ཁ་བཏགས་དང་གནང་སྐྱེས་ཆུང་ཙམ་ཕུལ་ཡོད།
གཞན་ཡང་ང་ཚོར་རྒྱ་གར་གཞུང་གི་གྲོས་ཚོགས་ལས་དོན་བློན་ཆེན་དང་ཉུང་ཤས་མི་རིགས་ལས་དོན་བློན་ཆེན་སྐུ་ཞབས་ཀི་རན་རི་ཇི་ཇུ་(Kiren Rijiju Ji)མཆོག། རྒྱ་གར་གཞུང་གི་ཤེས་ཡོན་ལྷན་ཁང་གི་རྒྱ་གར་སྐད་ཡིག་གོང་སྤེལ་གཏོང་ཆེད་ཀྱི་དབང་ཆ་ཆེ་བའི་ཚོགས་ཆུང་གི་ཚོགས་གཙོ་སློབ་དཔོན་ཅ་མུ་ཀྲིཤ་ཎ་ཤཱསྟྲི་(Dr. Chamu Krishna Shastry)མཆོག། ཨ་རུ་ན་ཅལ་པར་དེ་ཤི་ནས་ཡིན་པའི་སྔོན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ཀེ་ཁིར་མེ་(R.K Khirmey)ལགས། ཨ་རུ་ན་ཅལ་པར་དེ་ཤི་སྤྱི་ཁྱབ་བློན་ཆེན་གྱི་ཨོ་ཨེསི་ཌི་(OSD)སྐུ་ཞབས་ཨ་ནུ་པམ་ཡ་དབ(AnupamYadav)དེ་བཞིན་ཨེ་ཨའི་སི་ཊི་ཨི་ཡི་(AICTE)ལྟེ་གནས་ཀྱི་རྒྱ་གར་ཤེས་ཡོན་ལམ་ལུགས་ཨའི་ཀེ་ཨེསི(IKS)སྡེ་ཚན་གྱི་སློབ་དཔོན་གན་ཊི་སུརྱ་ན་ར་ཡ་ན་མུར་ཐི་(Professor Ganti Suryanarayana Murthy)བཅས་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་། སྐབས་དེར་ང་ཚོས་སློབ་གྲྭའི་དཀའ་ངལ་སྐོར་གྲོས་བསྡུར་བྱས་པར་ཁོང་རྣམ་པའི་རྒྱབ་སྐྱོར་དང་རོགས་རམ་ཞུས་ཤིང་། དེའི་ཐོག་ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་ནང་བསྟན་མཐུན་ཚོགས་ཨའི་བི་སི(IBC)ཀྱི་དྲུང་ཆེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་དང་། གསར་དུ་བདམས་ཐོན་བྱུང་བའི་འཛིན་སྐྱོང་པ་དགེ་བཤེས་དཀོན་མཆོག་བྱམས་པ་ལགས་བཅས་ང་ཚོ་དང་མཉམ་དུ་དེ་གར་ཕེབས་པར་ཐུགས་རྗེ་ཆེ་ལན་བརྒྱར་ཞུ།